- LRC歌词
- 文本歌词
[00:00.000] 作词 : 尕尔东
[00:00.809] 作曲 : 尕尔东
[00:01.618] 编曲 : 阿泽的啊
[00:02.428]MEK大马善鼓堂制作
[00:10.253]吉他贝斯架子鼓口技卡宏鼓
[00:14.512]均有阿泽纯手工录制
[00:18.021]ང་ཡིས་གངས་རའི་ཉེ་འགྲམ་དུ་ནགས་ཚལ་ཞིག་བྲིས།
[00:27.040]རི་དྭགས་དང་གཅན་གཟན་སོགས་རྒྱུ་བ་ཡང་བྲིས།
[00:34.807]ང་ཡིས་ནགས་ཚལ་གྱི་ཉེ་འགྲམ་དུ་སྤང་ཐང་ཞིག་བྲིས།
[00:43.578]རྟ་ནོར་ལུག་གསུམ་ཡང་བག་ཕེབས་སུ་གནས་པ་བྲིས།
[00:51.595]ང་ཡིས་སྤང་ཐང་གི་སྟེང་དུ་འབྲོག་སྡེ་ཞིག་བྲིས།
[01:00.364]བདེ་སྐྱིད་ཀྱིས་ཁེངས་བའི་འཚོ་བ་ཡང་བྲིས།
[01:08.130]ང་ཡིས་འབྲོག་སྡེའི་ཉེ་འགྲམ་དུ་བྱིས་པ་ཞིག་བྲིས།
[01:17.149]ཉི་ཤར་དང་ཉི་ནུབ་ལ་སྒུག་པའི་བྱིས་པ་ཞིག་བྲིས།
[01:24.415]ངས་ཅིས་ཀྱང་འདི་འདྲ་འཚོ་བ་ལ་རེ་སྨོན་བྱས།
[01:32.684]ནམ་ལངས་ནས་ཉི་ཤར་ལ་སྒུག་པའི་བྱེའུ་བཞིན།
[01:40.951]འཇིག་རྟེན་ནས་ལན་རེ་དཀར་ལ་ལན་རེ་མོག་པོར་འགྱུར།
[02:31.557]ང་ཡི་བྱིས་པའི་ཉེ་འགྲམ་དུ་གྲོགས་པོ་གཅིག་བྲིས།
[02:40.575]མགོ་སྐོར་དང་གཉའ་གནོན་ཅི་ཡང་མེད་པས་གྲོགས་པོ་ཞིག་བྲིས།
[02:48.345]ང་ཡི་གྲོགས་པོ་དེ་མཐོང་ལམ་དུ་རྨི་ལམ་ཞིག་བྲིས།
[02:57.113]ཕ་མེས་དང་ཡང་མེས་ཡོངས་དགའ་བའི་འབྲོག་ཁྱིམ་དེ་བྲིས།
[03:04.378]ངས་ཅིས་ཀྱང་འདི་འདྲ་འཚོ་བ་ལ་རེ་སྨོན་བྱས།
[03:12.896]ནམ་ལངས་ནས་ཉི་ཤར་ལ་སྒུག་པའི་བྱེའུ་བཞིན།
[03:21.163]འཇིག་རྟེན་ནས་ལན་རེ་དཀར་ལ་ལན་རེ་མོག་པོར་འགྱུར།
[03:37.946]ངས་ཅིས་ཀྱང་འདི་འདྲ་འཚོ་བ་ལ་སུན་སྣང་སྐྱེས།
[03:46.210]ནམ་ལངས་ནས་མུན་ནག་ལ་སྒུག་པའི་བྱིས་པ་བཞིན།
[03:54.729]འཇིག་རྟེན་འདི་ལན་རེ་སྐྱིད་ལ་ལན་རེ་མོག་པོར་འགྱུར།
[04:11.265]ང་ཚོ་སང་ཉིན་ལ་རེ་བ་ཨེ་ཡོད།
[04:15.526]ང་ཚོའི་སང་ཉིན་ལ་རེ་བ་ཨེ་ཡོད།
[04:19.532]ང་ཚོས་སང་ཉིན་ལ་རེ་བ་ཨེ་ཡོད།
[04:23.794]ང་ཚོ་ཚང་མ་ལ་རེ་བ་ཨེ་ཡིད།
[04:28.051]ང་ཚོ་སང་ཉིན་ལ་རེ་བ་ཡོད།
[04:32.062]ང་ཚོའི་སང་ཉིན་ལ་རེ་བ་ཡོད།
[04:36.319]ང་ཚོས་སང་ཉིན་ལ་རེ་བ་ཡོད།
[04:40.330]ང་ཚོ་ཚང་མ་ལ་རེ་བ་ཡིད།
作词 : 尕尔东
作曲 : 尕尔东
编曲 : 阿泽的啊
MEK大马善鼓堂制作
吉他贝斯架子鼓口技卡宏鼓
均有阿泽纯手工录制
ང་ཡིས་གངས་རའི་ཉེ་འགྲམ་དུ་ནགས་ཚལ་ཞིག་བྲིས།
རི་དྭགས་དང་གཅན་གཟན་སོགས་རྒྱུ་བ་ཡང་བྲིས།
ང་ཡིས་ནགས་ཚལ་གྱི་ཉེ་འགྲམ་དུ་སྤང་ཐང་ཞིག་བྲིས།
རྟ་ནོར་ལུག་གསུམ་ཡང་བག་ཕེབས་སུ་གནས་པ་བྲིས།
ང་ཡིས་སྤང་ཐང་གི་སྟེང་དུ་འབྲོག་སྡེ་ཞིག་བྲིས།
བདེ་སྐྱིད་ཀྱིས་ཁེངས་བའི་འཚོ་བ་ཡང་བྲིས།
ང་ཡིས་འབྲོག་སྡེའི་ཉེ་འགྲམ་དུ་བྱིས་པ་ཞིག་བྲིས།
ཉི་ཤར་དང་ཉི་ནུབ་ལ་སྒུག་པའི་བྱིས་པ་ཞིག་བྲིས།
ངས་ཅིས་ཀྱང་འདི་འདྲ་འཚོ་བ་ལ་རེ་སྨོན་བྱས།
ནམ་ལངས་ནས་ཉི་ཤར་ལ་སྒུག་པའི་བྱེའུ་བཞིན།
འཇིག་རྟེན་ནས་ལན་རེ་དཀར་ལ་ལན་རེ་མོག་པོར་འགྱུར།
ང་ཡི་བྱིས་པའི་ཉེ་འགྲམ་དུ་གྲོགས་པོ་གཅིག་བྲིས།
མགོ་སྐོར་དང་གཉའ་གནོན་ཅི་ཡང་མེད་པས་གྲོགས་པོ་ཞིག་བྲིས།
ང་ཡི་གྲོགས་པོ་དེ་མཐོང་ལམ་དུ་རྨི་ལམ་ཞིག་བྲིས།
ཕ་མེས་དང་ཡང་མེས་ཡོངས་དགའ་བའི་འབྲོག་ཁྱིམ་དེ་བྲིས།
ངས་ཅིས་ཀྱང་འདི་འདྲ་འཚོ་བ་ལ་རེ་སྨོན་བྱས།
ནམ་ལངས་ནས་ཉི་ཤར་ལ་སྒུག་པའི་བྱེའུ་བཞིན།
འཇིག་རྟེན་ནས་ལན་རེ་དཀར་ལ་ལན་རེ་མོག་པོར་འགྱུར།
ངས་ཅིས་ཀྱང་འདི་འདྲ་འཚོ་བ་ལ་སུན་སྣང་སྐྱེས།
ནམ་ལངས་ནས་མུན་ནག་ལ་སྒུག་པའི་བྱིས་པ་བཞིན།
འཇིག་རྟེན་འདི་ལན་རེ་སྐྱིད་ལ་ལན་རེ་མོག་པོར་འགྱུར།
ང་ཚོ་སང་ཉིན་ལ་རེ་བ་ཨེ་ཡོད།
ང་ཚོའི་སང་ཉིན་ལ་རེ་བ་ཨེ་ཡོད།
ང་ཚོས་སང་ཉིན་ལ་རེ་བ་ཨེ་ཡོད།
ང་ཚོ་ཚང་མ་ལ་རེ་བ་ཨེ་ཡིད།
ང་ཚོ་སང་ཉིན་ལ་རེ་བ་ཡོད།
ང་ཚོའི་སང་ཉིན་ལ་རེ་བ་ཡོད།
ང་ཚོས་སང་ཉིན་ལ་རེ་བ་ཡོད།
ང་ཚོ་ཚང་མ་ལ་རེ་བ་ཡིད།