ཨ་མའི་སྐྲ་ལོ། 阿妈的秀发

ཨ་མའི་སྐྲ་ལོ། 阿妈的秀发

歌手:勒毛措

所属专辑:ཨ་མའི་སྐྲ་ལོ། 阿妈的秀发

发行时间:2023-02-22

  • LRC歌词
  • 文本歌词

作词 : 赤隆多

作曲 : 理塘降央

ཨ་མའི་སྐྲ་ལོ།

阿妈的秀发

 

གཞས་ཚིག ཁྲི་ལུང་རྟོགས།

作词:赤隆多

གཞས་དབྱངས། འཇམ་དབྱངས།

作曲:降央

གཞས་མ། ཀླུ་མོ་མཚོ། གནམ་མཚོ། ལྷ་སྐྱིད།

演唱:勒毛措 南措 拉吉

རོལ་མོ། ཧི་མ་ལ་ཡ།

编曲:黑玛拉雅

སྒྲ་ཕབ། ཧི་མ་ལ་ཡ།

录音:黑玛拉雅

ཡིག་སྒྱུར། པྲཛྙཱ་དྷ་ནཾ་རྩོམ་སྒྱུར་ཁང་།

翻译:智慧宝藏编译部

འགྲེམ་སྤེལ། ཧི་མ་ལ་ཡ་གློག་བརྙན་ཕྲིན་སྦྱོར།

发行:黑玛拉雅影视文化传媒

 

གནམ། ཞལ་ལ་འཛུམས་མདངས་རང་འཁོར།།

     གསུང་ལ་མགུར་མ་རང་འཁྱིལ།།

 南:慈容洋溢笑颜,

      言谈如聆道歌。

ཀླུ། ཐུགས་ལ་བྱམས་བརྩེ་རང་གྲུབ།།

    ཨ་མ་རྗེ་བཙུན་སྒྲོལ་མ།།

勒:胸怀自具慈悲,

     慈母至尊度母。

ལྷ། སྐྲ་ལོ་ནག་ཅིང་སྣུམ་པ།།

   དབྱར་ཁའི་རྒྱ་ལྕང་འདྲ་བ།།

拉:乌黑油亮青丝,

     恰似盛夏柳丝。

མཉམ། ལོ་མ་ཤིག་ཤིག་འདར་ན།།

      ཨ་མའི་སྐྲ་ལོ་དྲན་བྱུང་།།

合:树叶摇曳之际,

     忆起慈母之发。

 ལྷ། གཤིས་ཀ་བལ་ལས་འཇམ་པ།།

   སེམས་པ་གངས་ལས་དཀར་བ།།

拉:性情柔若羊绒,

     心灵净如雪山。

གནམ། གཞུང་རྒྱུད་མདའ་ལས་དྲང་བ།།

         ཨ་མ་རྗེ་བཙུན་སྒྲོལ་མ།། 

南:禀性直如箭矢,

     慈母至尊度母。   

ཀླུ། སྐྲ་ལོ་གཅིག་དཀར་གཉིས་དཀར།།

     དགུན་གྱི་ཁ་བ་འདྲ་བ།།

勒:秀发日渐灰白,

     犹如冬日雪花。

མཉམ། གངས་ལ་ཁ་བ་བབས་ན།།

      ཨ་མའི་སྐྲ་ལོ་དྲན་བྱུང་།།

合:雪花飘落之时,

     忆起慈母之发。

 

 

 

ཀླུ། བྱམས་བརྩེ་ཉི་མའི་འོད་ཡིན།།

   ལྷག་བསམ་ཟླ་བའི་མདངས་ཡིན།།

勒:慈祥犹如阳光,

     心意宛如月光。

ལྷ། འཛུམས་མདངས་པད་མའི་མཛེས་ཡིན།།

    ཨ་མ་རྗེ་བཙུན་སྒྲོལ་མ།།

拉:笑容美如莲花,

     慈母至尊度母。

གནམ། སྐྲ་ལོ་གཅིག་ལྷུང་གཉིས་ལྷུང་གཉིས་ལྷུང་།།

     སྟོན་ཁའི་སྡོང་ལོ་འདྲ་བ།།

南:发丝日渐疏落,

     叹比深秋落叶。

མཉམ། སྡོང་ལོ་ས་ལ་འཐོར་ན།།

      ཨ་མའི་སྐྲ་ལོ་དྲན་བྱུང་།།

合:树叶凋落之时,

     忆起慈母之发。

 

མཉམ། 

合:

ཕར་ལ་བྱམས་ཀྱིས་སྐྱེལ་མ།།

ཚུར་ལ་བརྩེ་བའི་བསུ་མ།།

临行依依送别,

归来欣欣来迎。

རྣམ་ཀུན་བརྩེ་བའི་བདག་མོ།།

ཨ་མ་རྗེ་བཙུན་སྒྲོལ་མ།།

永时慈爱之母,

慈母至尊度母。

སྐྲ་ལོ་འཇམ་ཤིང་འཕྱོ་བ།།

དཔྱིད་ཀྱི་རླུང་བུ་འདྲ་བ།།

秀发柔顺飘动,

有如初春和风。

དྲོད་འཇམ་རླུང་བུ་ལྡང་དུས།།

ཨ་མའི་སྐྲ་ལོ་དྲན་བྱུང་།།

春风吹拂时节,

忆起慈母之发。

作词 : 赤隆多

作曲 : 理塘降央

ཨ་མའི་སྐྲ་ལོ།

阿妈的秀发

 

གཞས་ཚིག ཁྲི་ལུང་རྟོགས།

作词:赤隆多

གཞས་དབྱངས། འཇམ་དབྱངས།

作曲:降央

གཞས་མ། ཀླུ་མོ་མཚོ། གནམ་མཚོ། ལྷ་སྐྱིད།

演唱:勒毛措 南措 拉吉

རོལ་མོ། ཧི་མ་ལ་ཡ།

编曲:黑玛拉雅

སྒྲ་ཕབ། ཧི་མ་ལ་ཡ།

录音:黑玛拉雅

ཡིག་སྒྱུར། པྲཛྙཱ་དྷ་ནཾ་རྩོམ་སྒྱུར་ཁང་།

翻译:智慧宝藏编译部

འགྲེམ་སྤེལ། ཧི་མ་ལ་ཡ་གློག་བརྙན་ཕྲིན་སྦྱོར།

发行:黑玛拉雅影视文化传媒

 

གནམ། ཞལ་ལ་འཛུམས་མདངས་རང་འཁོར།།

     གསུང་ལ་མགུར་མ་རང་འཁྱིལ།།

 南:慈容洋溢笑颜,

      言谈如聆道歌。

ཀླུ། ཐུགས་ལ་བྱམས་བརྩེ་རང་གྲུབ།།

    ཨ་མ་རྗེ་བཙུན་སྒྲོལ་མ།།

勒:胸怀自具慈悲,

     慈母至尊度母。

ལྷ། སྐྲ་ལོ་ནག་ཅིང་སྣུམ་པ།།

   དབྱར་ཁའི་རྒྱ་ལྕང་འདྲ་བ།།

拉:乌黑油亮青丝,

     恰似盛夏柳丝。

མཉམ། ལོ་མ་ཤིག་ཤིག་འདར་ན།།

      ཨ་མའི་སྐྲ་ལོ་དྲན་བྱུང་།།

合:树叶摇曳之际,

     忆起慈母之发。

 ལྷ། གཤིས་ཀ་བལ་ལས་འཇམ་པ།།

   སེམས་པ་གངས་ལས་དཀར་བ།།

拉:性情柔若羊绒,

     心灵净如雪山。

གནམ། གཞུང་རྒྱུད་མདའ་ལས་དྲང་བ།།

         ཨ་མ་རྗེ་བཙུན་སྒྲོལ་མ།། 

南:禀性直如箭矢,

     慈母至尊度母。   

ཀླུ། སྐྲ་ལོ་གཅིག་དཀར་གཉིས་དཀར།།

     དགུན་གྱི་ཁ་བ་འདྲ་བ།།

勒:秀发日渐灰白,

     犹如冬日雪花。

མཉམ། གངས་ལ་ཁ་བ་བབས་ན།།

      ཨ་མའི་སྐྲ་ལོ་དྲན་བྱུང་།།

合:雪花飘落之时,

     忆起慈母之发。

 

 

 

ཀླུ། བྱམས་བརྩེ་ཉི་མའི་འོད་ཡིན།།

   ལྷག་བསམ་ཟླ་བའི་མདངས་ཡིན།།

勒:慈祥犹如阳光,

     心意宛如月光。

ལྷ། འཛུམས་མདངས་པད་མའི་མཛེས་ཡིན།།

    ཨ་མ་རྗེ་བཙུན་སྒྲོལ་མ།།

拉:笑容美如莲花,

     慈母至尊度母。

གནམ། སྐྲ་ལོ་གཅིག་ལྷུང་གཉིས་ལྷུང་གཉིས་ལྷུང་།།

     སྟོན་ཁའི་སྡོང་ལོ་འདྲ་བ།།

南:发丝日渐疏落,

     叹比深秋落叶。

མཉམ། སྡོང་ལོ་ས་ལ་འཐོར་ན།།

      ཨ་མའི་སྐྲ་ལོ་དྲན་བྱུང་།།

合:树叶凋落之时,

     忆起慈母之发。

 

མཉམ། 

合:

ཕར་ལ་བྱམས་ཀྱིས་སྐྱེལ་མ།།

ཚུར་ལ་བརྩེ་བའི་བསུ་མ།།

临行依依送别,

归来欣欣来迎。

རྣམ་ཀུན་བརྩེ་བའི་བདག་མོ།།

ཨ་མ་རྗེ་བཙུན་སྒྲོལ་མ།།

永时慈爱之母,

慈母至尊度母。

སྐྲ་ལོ་འཇམ་ཤིང་འཕྱོ་བ།།

དཔྱིད་ཀྱི་རླུང་བུ་འདྲ་བ།།

秀发柔顺飘动,

有如初春和风。

དྲོད་འཇམ་རླུང་བུ་ལྡང་དུས།།

ཨ་མའི་སྐྲ་ལོ་དྲན་བྱུང་།།

春风吹拂时节,

忆起慈母之发。

暂无该曲谱数据