- LRC歌词
- 文本歌词
作词 : 罗布桑珠
作曲 : 罗布桑珠
编曲 : 罗布桑珠
འཛམ་གླིང་འདིའི་ཐོག་རླབས་ཆེན་ལྡན་པའི་མི་ཞིག
ཁོང་ནི་ང་ཚོའི་སེམས་ནང་གི་དཔའ་བོ་རང་ཡིན།
བུ་ངས་དེ་རིང་ཁྱེད་ལ་བྲིས་པའི་གླུ་གཞས་འདི་ནི།་
ང་ཚོའི་བརྩེ་བའི་པཱ་ལགས་ལ་བཀའ་དྲིན་ཆེ་ཞུ།
ཁོང་ལ་ཡ་མཚན་ལྡན་པའི་རྫུ་འཕྲུལ་མེད་ཀྱང་།
མ་ཟད་གནམ་ལ་འཕུར་བའི་མཐུ་རྩལ་ཡང་མེད།
འོན་ཀྱང་ཁྱེད་ཀྱིས་དཀའ་ངལ་གང་ལའང་མ་འཇིགས་པར་མདུན་བསྐྱོད།
ཁྱིམ་ཚང་འདི་ཡི་འཁུར་པོ་ཚང་མ་རང་གི་མཉའ་ཐོག་བསྟེགས།
ཆུང་དུས་ནས་ཁྱེད་ཀྱི་གསུངས་ཡས་ལ།
ནམ་ཞིག་གནམ་དེ་རྡིབས་ཀྱང་བུ་ངའི་ཆེད་དུ་ཁྱེད་ཀྱིས་བཀྱག་ངེས་ཡིན།
དྲིན་ཆེ་བའི་པཱ་ལགས་ཐུགས་རྗེ་ཞུ།
བུ་ང་ཁྱེད་ཀྱི་བརྩེ་བའི་བྱམས་སྐྱོང་འོག་ལ་བདེ་སྐྱིད་འཚར་ལོངས་བྱུང་།
ངའི་པཱ་ལགས།
ཁོང་གིས་མི་ངན་དང་འཐབ་རྩོད་བྱེད་མྱོང་མེད་ཀྱང་།
ཁྱིམ་དང་འབྲེལ་བའི་ཡོ་ཆས་ཚང་མ་བཟོ་ཐུབ།
ཚེ་འདིར་ཁོང་གིས་མཆི་མ་ལྷུང་བ་མཐོང་མྱོང་མེད་ཀྱང་།
ཁོང་གི་སེམས་ལ་སྡུག་བསྔལ་དང་སེམས་ཁྲལ་ཡོད་སྲིད།
ཆུང་དུས་ཁྱེད་ཀྱི་མཉའ་ཐོག་སྟེགས་ནས།
མཛེས་པའི་འཇིག་རྟེན་འདི་རུ་བསྡད་ནས།
མ་འོངས་ང་ཡང་ཁྱེད་དང་འདྲ་བའི་དཔའ་བོ་ཆགས་པའི་སེམས།
ཆུང་དུས་ནས་ཁྱེད་ཀྱི་གསུངས་ཡས་ལ།
ཡུམ་ནི་འཇིག་རྟེན་འདིའི་ཐོག་རླབས་ཆེ་ཤོས་ཀྱི་མི་དེ་ཡིན་པར་ངེས།
དྲིན་ཆེ་བའི་པཱ་ལགས་ཐུགས་རྗེ་ཞུ།
བུ་ངས་བརྗོད་མི་མྱོང་བའི་སེམས་ཀྱི་བསྟོད་གླུ་དཔའ་བོ་ཁྱེད་ལ་ལེན།
པཱ་ལགས།