- LRC歌词
- 文本歌词
[00:00.000] 作词 : 宗喀巴大师造
[00:01.000] 作曲 : 道瑞
[00:12.188]༼དབྱངས་ཅན་མའི་བསྟོད་པ།༽
[00:38.939]
[00:40.439]རྗེ་༧བློ་བཟང་གྲགས་པས་མཛད།
[00:48.439]དབྱངས རྡོ་རེད།
[01:14.190]ལེན་མཁན། པད་མཚོ།
[01:16.190]
[01:19.690]ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན།།
[01:28.691]མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།
[01:37.691]དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།།
[01:46.704]རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །
[01:52.191]
[01:55.941]པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། །
[02:04.692]མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།
[02:13.943]རོལ་སྒེག་གར་གྱིས་འགྱིངས་པའི་དབྱངས་ཅན་མ།།
[02:22.943]ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།།
[02:42.944]
[03:16.945]རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།།
[03:25.945]མིག་གིས་ལྟ་བའི་མི་ངོམས་ཡིད་འཕྲོག་མ།།
[03:34.945]མ་ལྟར་བརྩེ་བ་ཁྱེད་ཀྱིས་བདག་གི་ངག།།
[03:43.945]ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།
[03:49.196]
[03:49.196]སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།།
[04:01.697]ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།
[04:10.696]ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།།
[04:31.198]དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།
作词 : 宗喀巴大师造
作曲 : 道瑞
༼དབྱངས་ཅན་མའི་བསྟོད་པ།༽
རྗེ་༧བློ་བཟང་གྲགས་པས་མཛད།
དབྱངས རྡོ་རེད།
ལེན་མཁན། པད་མཚོ།
ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན།།
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།།
རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །
པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། །
མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།།
རོལ་སྒེག་གར་གྱིས་འགྱིངས་པའི་དབྱངས་ཅན་མ།།
ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།།
རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།།
མིག་གིས་ལྟ་བའི་མི་ངོམས་ཡིད་འཕྲོག་མ།།
མ་ལྟར་བརྩེ་བ་ཁྱེད་ཀྱིས་བདག་གི་ངག།།
ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།།
ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།།
ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།།
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།