- LRC歌词
- 文本歌词
作词 : 卓吾贡扎
作曲 : 云丹贡布
གདུང་བའི་གླུ།
ཚིག་རྩོམ་མཁན། འབྲོག་བུ་དཀོན་བཀྲ།
དབྱངས་རྩོམ་མཁན། ཡོན་ཏན་མགོན་པོ།
གཞས་གཏོང་མཁན། མགོ་ལོག་རྒྱལ་མཚན་དང་རྨ་ཆུའི་ཆོས་འཛོམས།
དང་པོ་འུ་གཉིས་གཞིས་སུ་འཛོམས་དུས།།
མཐིང་སྨུག་སྦྲ་ལ་སྒོ་དར་སྐྱ་བོ།།
སྒོ་ཁའི་རྟ་ལ་སྒ་སྲབ་ཆ་འགྲིག།
སྒོ་ཁྱིམ་གྲུ་བཞི་གཡུང་དྲུང་རི་མོ།།
དགའ་བའི་ཟམ་པ་ཆུ་ལ་བཙུགས་ནས།།
གསང་བ་གསེར་མིག་ཉ་ལ་གཏད་ཡོད།།
བརྩེ་བའི་ཞབས་པད་གངས་ལ་བཞག་ནས།།
ཡིད་ཆེས་ཨ་སྔོན་གནམ་ལ་བཅོལ་ཡོད།།
བར་དུ་འུ་གཉིས་སོ་སོར་གྱེས་ཏེ།།
མིག་གི་མཆི་མ་རབ་རིབ་འཁྲིགས་དུས།།
བྲལ་བའི་གདུག་རྩུབ་སྙིང་ལ་གཙེ་ཞིང་།།
སེམས་པའི་རྟ་ཁ་རྒྱང་ལ་ཤོར་ཐལ།།
ལོ་ཟླའི་ཁངས་སྐྱ་སླར་ཡང་འཚུབ་བྱུང་།།
མི་ཁའི་བཙག་རླུང་བསྐྱར་དུ་ལྡང་བྱུང་།།
གསེར་ཐག་སེར་པོས་མཐུད་ཐབས་མེད་པའི།།
ཆུང་སྐྱེས་རྨི་ལམ་ག་འདྲ་ཡིན་ནམ།།
《悲歌》
作词:卓吾贡扎
作曲:云丹贡布
演唱:果洛尖参和玛曲曲宗
起初我俩相聚,
毡房毡帘幽幽,
备鞍骏马在前,
家塾吉祥和谐。
河搭爱意,
语寄小鱼,
情照雪山,
信托苍穹。
此后相别东西,
双眼汪汪泪水,
离别之痛刺心,
恍惚茫然若失。
寒风刺骨凛冽,
残雪再次挥起,
且以不能结缘,
欲知蝶恋美梦
作词 : 卓吾贡扎
作曲 : 云丹贡布
གདུང་བའི་གླུ།
ཚིག་རྩོམ་མཁན། འབྲོག་བུ་དཀོན་བཀྲ།
དབྱངས་རྩོམ་མཁན། ཡོན་ཏན་མགོན་པོ།
གཞས་གཏོང་མཁན། མགོ་ལོག་རྒྱལ་མཚན་དང་རྨ་ཆུའི་ཆོས་འཛོམས།
དང་པོ་འུ་གཉིས་གཞིས་སུ་འཛོམས་དུས།།
མཐིང་སྨུག་སྦྲ་ལ་སྒོ་དར་སྐྱ་བོ།།
སྒོ་ཁའི་རྟ་ལ་སྒ་སྲབ་ཆ་འགྲིག།
སྒོ་ཁྱིམ་གྲུ་བཞི་གཡུང་དྲུང་རི་མོ།།
དགའ་བའི་ཟམ་པ་ཆུ་ལ་བཙུགས་ནས།།
གསང་བ་གསེར་མིག་ཉ་ལ་གཏད་ཡོད།།
བརྩེ་བའི་ཞབས་པད་གངས་ལ་བཞག་ནས།།
ཡིད་ཆེས་ཨ་སྔོན་གནམ་ལ་བཅོལ་ཡོད།།
བར་དུ་འུ་གཉིས་སོ་སོར་གྱེས་ཏེ།།
མིག་གི་མཆི་མ་རབ་རིབ་འཁྲིགས་དུས།།
བྲལ་བའི་གདུག་རྩུབ་སྙིང་ལ་གཙེ་ཞིང་།།
སེམས་པའི་རྟ་ཁ་རྒྱང་ལ་ཤོར་ཐལ།།
ལོ་ཟླའི་ཁངས་སྐྱ་སླར་ཡང་འཚུབ་བྱུང་།།
མི་ཁའི་བཙག་རླུང་བསྐྱར་དུ་ལྡང་བྱུང་།།
གསེར་ཐག་སེར་པོས་མཐུད་ཐབས་མེད་པའི།།
ཆུང་སྐྱེས་རྨི་ལམ་ག་འདྲ་ཡིན་ནམ།།
《悲歌》
作词:卓吾贡扎
作曲:云丹贡布
演唱:果洛尖参和玛曲曲宗
起初我俩相聚,
毡房毡帘幽幽,
备鞍骏马在前,
家塾吉祥和谐。
河搭爱意,
语寄小鱼,
情照雪山,
信托苍穹。
此后相别东西,
双眼汪汪泪水,
离别之痛刺心,
恍惚茫然若失。
寒风刺骨凛冽,
残雪再次挥起,
且以不能结缘,
欲知蝶恋美梦