天地果洛

天地果洛

歌手:热萨尔-觉吾加丹贝尖参

所属专辑:天地果洛

发行时间:2022-08-26

  • LRC歌词
  • 文本歌词

[00:00.000] 作曲 : 热萨尔-觉吾加/丹贝尖参

[00:33.465]རྒྱུད་ཆགས་གངས་ཀྱི་རི་བོ་སྤྲིན་ལ་ཟུག །

[00:38.954]དབྱངས་ལྡན་འདབས་ཆགས་སྟོང་གི་གྲེ་འགྱུར་སྤྲོ། །

[00:45.579]བྲེ་སེར་འབྲོང་ཁྱིས་རྫ་ལམ་བར་མེད་བཀང་། །

[00:53.395]ཀཱི་བསོ་སྨུག་སྤྲིན་བར་ནས་རྨ་ཆེན་གསོལ། །

[01:01.459]རྨ་སྨད་མཐོན་པོ་སྒང་དྲུག་རྣམ་པར་བརྗིད། །

[01:07.803]མཁའ་ལམ་སྒྱུ་སྐར་འོད་དུ་འབར་བ་ལེགས། །

[01:14.355]དཀར་ནག་ཕྱུག་གི་ཕྱཱ་གཡང་རབ་འཕེལ་བའི། །

[01:19.181]དབེན་གཙང་སྡེ་མཐུན་རྨ་ཡུལ་གསེར་མོའི་ལྗོངས། །

[02:04.675]སྐུ་མཁར་སེང་འབྲུག་སྟག་རྩེའི་རྒྱ་ཕིབས་མཐོ། །

[02:11.195]སྐྱེས་ཆེན་དཔའ་ཐུལ་སུམ་ཅུའི་རང་མདངས་མངའ། །

[02:17.851]སྲིད་གསུམ་ཁྱོན་ལ་གནོན་པའི་དཔའ་ངར་གྱིས། །

[02:25.476]རྨད་བྱུང་ནོར་གྱི་ཕོ་བྲང་རྒྱལ་བསྟན་པར་ཤོག །

[02:33.443]སྐྱ་རེངས་མཚོ་ཆེན་མཐོན་མཐིང་མཁའ་དང་འདྲ། །

[02:40.043]དལ་བབས་རྨ་ཀླུང་གཱང་གའི་ཁྱོན་ལ་སྲིངས། །

[02:46.675]ཁ་དཀར་རྐྱང་ཁྱའི་རྨིག་སྒྲས་ས་གཞི་འདར། །

[02:51.411]རྩེ་ལྷ་བཅུ་གསུམ་འཁོར་སྲུང་མཆོད་ལྷ་བསྟོད། །

[03:47.955]ནགས་མའི་སྐྱེལ་ཚལ་གཡུ་ལོ་མགོ་ལྕོག་ལྡེམ།།

[03:53.483]རི་ཆུ་ནགས་གསུམ་རང་བྱུང་ལྷུན་གྱིས་གྲུབ།།

[04:00.259]འདབ་ལྡན་པདྨའི་བསུང་ངུར་ལྷུར་ལེན་པའི།།

[04:07.629]སྭ་ལའི་སྨན་ལྗོངས་སྐྱིད་པའི་དོ་ར་ཡག།

[04:15.819]ཤར་གྱི་གཉན་པོ་གཡུ་རྩེའི་དབུ་འཕངས་མཐོ། །

[04:22.203]སྒོ་སྲུང་རྫ་ཡི་གསེར་ཁྲབ་མཐུ་རྩལ་མངའ། །

[04:28.867]ཕོ་ལྷ་བཙན་པོའི་དབང་ཐང་རབ་མཐོ་བའི།།

[04:33.637]འབུམ་པ་གསུམ་གྱི་མི་རབས་དཔའ་བོའི་རྒྱུད། །

作曲 : 热萨尔-觉吾加/丹贝尖参

རྒྱུད་ཆགས་གངས་ཀྱི་རི་བོ་སྤྲིན་ལ་ཟུག །

དབྱངས་ལྡན་འདབས་ཆགས་སྟོང་གི་གྲེ་འགྱུར་སྤྲོ། །

བྲེ་སེར་འབྲོང་ཁྱིས་རྫ་ལམ་བར་མེད་བཀང་། །

ཀཱི་བསོ་སྨུག་སྤྲིན་བར་ནས་རྨ་ཆེན་གསོལ། །

རྨ་སྨད་མཐོན་པོ་སྒང་དྲུག་རྣམ་པར་བརྗིད། །

མཁའ་ལམ་སྒྱུ་སྐར་འོད་དུ་འབར་བ་ལེགས། །

དཀར་ནག་ཕྱུག་གི་ཕྱཱ་གཡང་རབ་འཕེལ་བའི། །

དབེན་གཙང་སྡེ་མཐུན་རྨ་ཡུལ་གསེར་མོའི་ལྗོངས། །

སྐུ་མཁར་སེང་འབྲུག་སྟག་རྩེའི་རྒྱ་ཕིབས་མཐོ། །

སྐྱེས་ཆེན་དཔའ་ཐུལ་སུམ་ཅུའི་རང་མདངས་མངའ། །

སྲིད་གསུམ་ཁྱོན་ལ་གནོན་པའི་དཔའ་ངར་གྱིས། །

རྨད་བྱུང་ནོར་གྱི་ཕོ་བྲང་རྒྱལ་བསྟན་པར་ཤོག །

སྐྱ་རེངས་མཚོ་ཆེན་མཐོན་མཐིང་མཁའ་དང་འདྲ། །

དལ་བབས་རྨ་ཀླུང་གཱང་གའི་ཁྱོན་ལ་སྲིངས། །

ཁ་དཀར་རྐྱང་ཁྱའི་རྨིག་སྒྲས་ས་གཞི་འདར། །

རྩེ་ལྷ་བཅུ་གསུམ་འཁོར་སྲུང་མཆོད་ལྷ་བསྟོད། །

ནགས་མའི་སྐྱེལ་ཚལ་གཡུ་ལོ་མགོ་ལྕོག་ལྡེམ།།

རི་ཆུ་ནགས་གསུམ་རང་བྱུང་ལྷུན་གྱིས་གྲུབ།།

འདབ་ལྡན་པདྨའི་བསུང་ངུར་ལྷུར་ལེན་པའི།།

སྭ་ལའི་སྨན་ལྗོངས་སྐྱིད་པའི་དོ་ར་ཡག།

ཤར་གྱི་གཉན་པོ་གཡུ་རྩེའི་དབུ་འཕངས་མཐོ། །

སྒོ་སྲུང་རྫ་ཡི་གསེར་ཁྲབ་མཐུ་རྩལ་མངའ། །

ཕོ་ལྷ་བཙན་པོའི་དབང་ཐང་རབ་མཐོ་བའི།།

འབུམ་པ་གསུམ་གྱི་མི་རབས་དཔའ་བོའི་རྒྱུད། །

暂无该曲谱数据