- LRC歌词
- 文本歌词
[00:00.000] 作词 : 民间
[00:01.000] 编曲 : 金强
[00:04.471]࿄࿄࿄
[00:45.104]ཆུ་བོ་མར་འབབ་ཤིག་ལ།།
[00:52.104]བྲིས་པའི་ཡིག་ཆུང་བསྐུར་ཡོད།།
[00:59.130]ཉ་མོ་ཡར་འགྲོ་ཞིག་ལ།།
[01:06.020]ཡིག་ལེན་མྱུར་དུ་བསྐུར་ཤོག །
[01:13.303]ཕར་ལ་མི་འགྲོ་བསམ་སོང་།།
[01:20.659]ཚུར་ལ་ཡིག་ཆུང་བསྐུར་སོང་།།
[01:27.353]ཡིག་ཆུང་ངོས་ལ་བལྟས་དུས།།
[01:34.353]མི་འགྲོ་འདུག་རྒྱུ་མེད་སོང་།།
[01:45.070]ཡར་གྱི་ལྷ་རིའི་རྩེ་ལ།།
[01:51.987]རྩྭ་ལ་དུག་རྩྭ་མ་འཚར།།
[01:59.104]རི་དྭགས་སྣ་མིན་སྣ་ཚོགས།།
[02:06.069]རི་རྒྱལ་ཁྱོད་ལ་འཁོར་ཡོད།།
[02:13.436]ཕྱི་ཡི་དཀར་ཡོལ་དཀར་དཀར།།
[02:20.353]ནང་གི་འོ་མ་དཀར་དཀར།།
[02:27.420]བསམ་པ་ཨེ་དཀར་མི་དཀར།།
[02:34.419]ཆུང་འདྲིས་ཁྱོད་ལ་རག་ལས།།
[02:41.503]࿄࿄࿄
[03:02.823]རི་མགོ་ཨ་རྒྱའི་ཟེ་ལ།།
[03:09.589]མེ་ཏོག་དཀར་དམར་འཁྲུངས་ཡོད།།
[03:16.789]མེ་ཏོག་ཆུང་འདུག་མ་བསམ།།
[03:23.772]འདབ་མ་ཚང་ཚང་རུག་རུག །
[03:31.155]ལྕང་མ་བཙུག་ཡོད་བཙུག་ཡོད།།
[03:37.906]ལ་ཁའི་མགོ་ལ་བཙུག་ཡོད།།
[03:45.022]ལས་འཕྲོ་ཡོད་པའི་ལྕང་མ།།
[03:52.038]ལྕང་རྩེ་དགུང་ལ་མཉམ་སོང་།།
[03:59.222]࿄࿄࿄
[04:27.683]ཆུང་འདྲིས་འུ་གཉིས་གཏམ་པ།།
[04:34.383]ལྕང་མའི་འོག་ལ་གཏམ་ཡོད།།
[04:41.532]བྱིའུ་དང་འཇོལ་མོ་མ་གཏོགས།།
[04:48.482]གོ་མི་གཅིག་ཀྱང་མི་འདུག།
[04:55.582]རྒྱ་གར་བྱ་ཕོ་དཀར་པོ།།
[05:02.682]གསུང་སྐད་སྔ་ནས་མ་གྲག །
[05:09.765]ང་དང་ཆུང་འདྲིས་བྱམས་པ།།
[05:16.798]སྙིང་གཏམ་བཤད་ལོངས་མི་འདུག །
[05:24.070]
作词 : 民间
编曲 : 金强
࿄࿄࿄
ཆུ་བོ་མར་འབབ་ཤིག་ལ།།
བྲིས་པའི་ཡིག་ཆུང་བསྐུར་ཡོད།།
ཉ་མོ་ཡར་འགྲོ་ཞིག་ལ།།
ཡིག་ལེན་མྱུར་དུ་བསྐུར་ཤོག །
ཕར་ལ་མི་འགྲོ་བསམ་སོང་།།
ཚུར་ལ་ཡིག་ཆུང་བསྐུར་སོང་།།
ཡིག་ཆུང་ངོས་ལ་བལྟས་དུས།།
མི་འགྲོ་འདུག་རྒྱུ་མེད་སོང་།།
ཡར་གྱི་ལྷ་རིའི་རྩེ་ལ།།
རྩྭ་ལ་དུག་རྩྭ་མ་འཚར།།
རི་དྭགས་སྣ་མིན་སྣ་ཚོགས།།
རི་རྒྱལ་ཁྱོད་ལ་འཁོར་ཡོད།།
ཕྱི་ཡི་དཀར་ཡོལ་དཀར་དཀར།།
ནང་གི་འོ་མ་དཀར་དཀར།།
བསམ་པ་ཨེ་དཀར་མི་དཀར།།
ཆུང་འདྲིས་ཁྱོད་ལ་རག་ལས།།
࿄࿄࿄
རི་མགོ་ཨ་རྒྱའི་ཟེ་ལ།།
མེ་ཏོག་དཀར་དམར་འཁྲུངས་ཡོད།།
མེ་ཏོག་ཆུང་འདུག་མ་བསམ།།
འདབ་མ་ཚང་ཚང་རུག་རུག །
ལྕང་མ་བཙུག་ཡོད་བཙུག་ཡོད།།
ལ་ཁའི་མགོ་ལ་བཙུག་ཡོད།།
ལས་འཕྲོ་ཡོད་པའི་ལྕང་མ།།
ལྕང་རྩེ་དགུང་ལ་མཉམ་སོང་།།
࿄࿄࿄
ཆུང་འདྲིས་འུ་གཉིས་གཏམ་པ།།
ལྕང་མའི་འོག་ལ་གཏམ་ཡོད།།
བྱིའུ་དང་འཇོལ་མོ་མ་གཏོགས།།
གོ་མི་གཅིག་ཀྱང་མི་འདུག།
རྒྱ་གར་བྱ་ཕོ་དཀར་པོ།།
གསུང་སྐད་སྔ་ནས་མ་གྲག །
ང་དང་ཆུང་འདྲིས་བྱམས་པ།།
སྙིང་གཏམ་བཤད་ལོངས་མི་འདུག །