- LRC歌词
- 文本歌词
作曲 : 旦旦/奥才
编曲 : 旦旦
雪山福音
作:东久丁增
作曲:奥才.
编曲:旦旦
ང་ཚོ་གངས་ཅན་བོད་པ་ཚང་།
ང་ཚོ་བོད་རིགས་སྤུན་ཟླ་ཡ།
ང་ཚོ་ཁྱིམ་ཚང་གཅིག་གི་ཡིན།
ང་ཚོའི་ལག་རྡུང་མཉམ་དུ་སྦྲེལ།
ང་ཚོ་གངས་ཅན་བོད་པ་ཚང་།
ང་ཚོ་ཁྱིམ་ཚང་གཅིག་གི་ཡིན།
ང་ཚོའི་སེམས་པ་མཉམ་དུ་འདྲེས།
མཐོ་དགུང་སྔོན་ཡངས་པའི་གཞི་དཀྱིལ་ནས། གསེར་གྱི་ཉི་མ་ཤར།
བདུད་རྩིའི་ཆར་པ་བབས།སེམས་ལ་དམ་པའི་ཞིང་ཁམས་ལ།
འོད་ཀྱི་འཇའ་ཚོན་འཁྱིལ། འཇའ་ཚོན་གྱི་ཁུག་པ་རེ་རེ་ནས།
ཤེས་རིག་འབུམ་གྱི་འོད་ཟེར་འཕྲོས།
ཨ། སམྦྷོ་ཊ། སམྦྷོ་ཊ།
ཁྱེད་ནི་མུན་པ་སེལ་བའི་སྒྲོན་མེ་རེད།
གངས་ཅན་པ་ཡི་ལམ་སྟོན་རེད།
རྗེ་སྲོང་བཙན་སྒམ་པོའི་གཅེས་ཕྲུག་རེད།
ཁ་བའི་རིག་གཞུང་སྒོ་བརྒྱ་འབྱེད་པའི་ལྡེ་མིག་རེད།
བོད་པ་ཚོ། བོད་པ་ཚོ། ང་ཡི་བོད་རིགས་སྤུན་ཟླ་ཚོ།
བཅུ་ཕྲག་རིག་གནས་ཀྱི་བདག་པོ་ང་ཚོ་ཡིན།
ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་བརྒྱུད་འཛིན་པ་ང་ཚོ་ཡིན།
ང་ཚོས་མཐུན་པའི་ལག་རྡང་མཉམ་དུ་བསྒྲིག
མདུན་བསྐྱོད་ཀྱི་གོམ་པ་མཉམ་དུ་སྤོ།
སེམས་དང་བསམ་པ་གཅིག་ཏུ་སྦྲེལ།
ལས་དབང་དང་དང་མདུན་ལམ་ལ་ཁ་ལོ་བསྒྱུར་ཕྱིར་རྡོག་རྩ་གཅིག་སྒྲིལ་བྱེད།
ཆོས་ལུགས་རིས་མེད། ཆོལ་ཁ་ཁྱད་མེད།
བོད་གངས་ཅན་ཡུལ་གྱི་ས་ཆ་ལ། སྲིད་པའི་གངས་རི་ཆགས།
གཡུ་ཡི་མཚོ་མོ་འཁྱིལ། རི་ཇོ་མོ་གླང་མའི་དབུ་རྩེ་ལ།
དུང་གི་ཁ་བ་བབས། ཁ་བ་ཡི་འདབ་མ་རེ་རེ་ལ།
དབྱངས་གསལ་སོ་བཞིའི་མེ་ཏོག་བཞད།
ཨ། ཕ་སྐད་གཙང་མ།
ཁྱེད་ནི་འོད་སྟོང་འབར་བའི་ཉི་མ་རེད།
སྨག་ནག་འཇོམས་པའི་ཟླ་བ་རེད།
བོད་བླ་སྲོག་བརྟེན་སའི་སྲོག་ཤིང་རེད།
བཅུ་ཕྲག་རིག་གནས་རྩ་བ་བརྟན་པའི་རྨང་གཞི་རེད།
བོད་པ་ཚོ། བོད་པ་ཚོ། ང་ཡི་བོད་རིགས་སྤུན་ཟླ་ཚོ།
ཆོས་དང་རིག་གཞུང་གི་བདག་པོ་སུ་རེད། ང་ཚོ་ཡིན།
གཟི་བརྗིད་འོད་སྟོང་འབར་བའི་ཕོ་བྲང་དམར་པོའི་གཞིས་འཛིན་པ་ང་ཚོ་ཡིན།
ང་ཚོས་མཐུན་པའི་ལག་རྡང་མཉམ་དུ་བསྒྲིག
མདུན་བསྐྱོད་ཀྱི་གོམ་པ་མཉམ་དུ་སྤོ།
སེམས་དང་བསམ་པ་གཅིག་ཏུ་སྦྲེལ།
ཞི་བདེ་དང་འཆམ་མཐུན་གྱི་དཔལ་ལ་རོལ་ཕྱིར་རྡོག་རྩ་གཅིག་སྒྲིལ་བྱེད།
ནུས་ཤུགས་གསར་གཏོད། རང་མགོ་རང་ཐོན།
རྡོག་རྩ་གཅིག་སྒྲིལ། ཨོ། ང་ཡི་སྤུན་ཟླ་ཚོ།
ང་ཚོས་ཕ་སྐད་བཤད། ཕ་སྐད་གཙང་མ་གཙང་རྐྱང་བཤད།
རིག་གནས་སྦྱོང་། འོད་སྟོང་ལྡན་པའི་རིག་གནས་སྦྱོང་།
སྲོལ་རྒྱུན་འཛིན། ཡབ་མེས་དམ་པའི་སྲོལ་རྒྱུན་འཛིན།