魅力卓瓦

魅力卓瓦

歌手:嘎玛顿珠

发行时间:2022-08-10

发行公司:

སྡེ་གྲོ་བ་ནག་ཚང་རྒྱན་ཆ་ཡིན།

ཚིག ། རྨེའུ་བློ་བཟང་ཐུབ་བསྟན།

གདངས། རྨེའུ་བློ་བཟང་ཐུབ་བསྟན། དཔལ་མགོན་སྐར་མ་དོན་གྲུབ།

གླུ་བ། དཔལ་མགོན་སྐར་མ་དོན་གྲུབ།

རྟ

སྡེ་གྲོ་བ་ནག་ཚང་རྒྱན་ཆ་ཡིན།

ཚིག ། རྨེའུ་བློ་བཟང་ཐུབ་བསྟན།

གདངས། རྨེའུ་བློ་བཟང་ཐུབ་བསྟན། དཔལ་མགོན་སྐར་མ་དོན་གྲུབ།

གླུ་བ། དཔལ་མགོན་སྐར་མ་དོན་གྲུབ།

རྟ་སྒོ་གངས་རི་དབུ་འཕང་མཐོ་ས་ལ།།

སྟོད་ཀྱི་ནག་ཚང་གཡང་སྡེ་ཕྱུག་མོ་ཆགས།།

རྒྱབ་རི་ཁ་འཛིན་ཆེ་བ་དབང་ཐང་ཡིན།།

སྤང་གཞུང་ནོར་གྱིས་གང་བ་བསོད་ནམས་ཡིན།།

༼སྟོད་ནག་ཚང་རི་ལ་རི་མཐུད་རེད།།

གངས་རྟ་སྒོ་ནག་ཚང་རྒྱན་ཆ་རེད།།༽

སྡེ་ནག་ཚང་ང་ཡི་ཕ་ཡུལ་རེད།

ནག་ཚང་ཚོ་དྲུག་ས་ཡི་ལྟེ་བ་ལ།།

ནག་ཚང་གྲོ་བ་བཅུད་ཀྱི་མར་ཁུ་ཆགས།།

སྟག་ཤར་རྩལ་དྲུག་འཛོམ་པ་དབང་ཐང་ཡིན།།

སྨན་ཤར་གཤིས་མཛངས་ལྡན་པ་བསོད་ནམས་ཡིན།

༼སྟོད་ནག་ཚང་སྡེ་ལ་སྡེ་མཐུད་རེད།།

སྡེ་གྲོ་བ་ནག་ཚང་རྒྱན་ཆ་རེད།།༽

སྡེ་གྲོ་བ་ང་ཡི་ཕ་ཡུལ་རེད།

བསྐལ་པ་བཟང་པོ་ཤར་བའི་ས་ཆ་ལ།།

ཏང་གི་ཡང་དག་དམངས་ཕན་སྲིད་ཇུས་བཟང་།།

དམངས་ཀྱི་བློ་སེམས་ཏང་གི་ཕྱོགས་ལ་གཏད།།

བློ་སེམས་དམངས་དང་མཐུན་པ་བསོད་ནམས་ཡིན།།

༼དུས་བཟང་པོ་གཅིག་ལ་གཅིག་མཐུད་རེད།།

དུས་དེང་སང་བསྐལ་བ་ཇེ་ཡག་རེད།། ༽

བུ་ང་ཚོའི་སེམས་པ་ཇེ་སྐྱིད་རེད།

专辑歌曲1首歌
  •  
    歌名
    歌手
    时长